Monday, October 4, 2010

Preliminary Election 2010, Baroda

སྤྱི་ལོ་༢༠༡༠ལོའི་ཟླ་བ་༡༠བའི་ཚེས་༢་ཉིན་རྡ་ས་ས་གནས་འོས་འསྡུ་ལྷན་ཁང་གི་འཐུས་མི་ཟླ་བ་ཚུལ་ཁྲིམས་ཀྱིས་འོས་བསྡུ་སྒྲིག་གཙོ་དང་
ངོ་བོ་གསལ་བཤད་བྱས་པ་དང་། ཚེས་༣ཉིན་བཀའ་ཁྲི་དང་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་བསྡུ་སྐབས་བྷ་རོ་ཊ་ས་གནས་གཞོན་ནུ་དང་བལ་ཚོང་རུ་ཁག་
ཐུན་མོང་ནས་སྔོན་འགྲོའི་འོས་བསྡུ་ཆ་ཤས་བླངས་ཏེ་གཟའ་ཉིེ་མའི་ཞོགས་པའི་ཚུ་ཚོད་་༩་ནས་དགོངས་དྲོའི་ཆུ་ཚོད་༥་པ་བར་འོས་བླུགས་པ་དང་དགོངས་
དྲོའི་ཆུ་ཚོད་༥ནས་དགོང་དྲོའི་ཆུ་ཚོད་༩་བར་ས་གནས་འོས་བསྡུའི་ཚོགས་་མི་དང་གཟུར་དཔང་རྣམས་ཀྱིས་འོས་ཤོག་གྲངས་གཤེར་འཇུག་བསྡུ་གནང་
བ་པ་བྱུང་འདུག།་ཐེང་འདིར་འཁྱོན་མི་གྲངས་༡༤༣གྱི་ཆ་ཤས་ལེན་ཡོད་པ་དང་དེའི་ནང་མཐོ་སློབ་ཕྲུག་༥༥དང་དེ་མིན་ས་གནས་སུད་ཚོང་བ་རྣམས་ཀྱང་ཆ་ཤས་
ལེན་ཡོད་པའི་ཁྲོད་ལོ་ན་ཆེ་ཤོས་ལོ་གྲངས་༧༥་ཞིག་དང་ཆུང་ཤོས་ལོ་གྲངས་༡༨་འགལ་བ་ཞིག་ཀྱང་འདུག།་ས་གནས་གཞོན་ནུའི་གནས་ཚུལ་རྣམས་facebook
གྱི་ཁ་བྱང་rtycmsubarodaདང་thecrain.blogspot.comནང་གཟིགས་གནང་ཡོད་པ་ཞུ།།